མ་གཞི་བྱང་ཆུབ་ཤིང་མིན།མེ་ལོང་སྟེགས་བུའི་ཐོག་ནས་ཅི་ལ་ཡོང་

您所在的位置:网站首页 头上出汗怎么回事 མ་གཞི་བྱང་ཆུབ་ཤིང་མིན།མེ་ལོང་སྟེགས་བུའི་ཐོག་ནས་ཅི་ལ་ཡོང་

མ་གཞི་བྱང་ཆུབ་ཤིང་མིན།མེ་ལོང་སྟེགས་བུའི་ཐོག་ནས་ཅི་ལ་ཡོང་

#མ་གཞི་བྱང་ཆུབ་ཤིང་མིན།མེ་ལོང་སྟེགས་བུའི་ཐོག་ནས་ཅི་ལ་ཡོང་| 来源: 网络整理| 查看: 265

མ་གཞི་བྱང་ཆུབ་ཤིང་མིན།མེ་ལོང་སྟེགས་བུའི་ཐོག་ནས་ཅི་ལ་ཡོང་

--ང་ཚོའི་མིག་ཟུང་ཕྱིས་པ་ལས་ལོང་གཏམ་ལོང་ཁྲིད་གཏན་ནས་བྱེད་མི་རུང་།

ཉེ་ཆར།དྲ་ཐོག་བརྒྱུད་སྐུར་བྱས་པའི་དཀར་མཛེས་ཁུལ་གསེར་རྟ་རྫོང་སེར་ར་དགོན་གྱི་དེ་སྔའི་སྤྲུལ་སྐུ་བསྟན་འབྱོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལས་འགལ་བའི་དབང་གིས་ཁྲིམས་དང་སྒྲིག་སྲོལ་ལྟར་སྤྲུལ་སྐུའི་མིང་གི་ཆ་འཕྲིན་མེད་པ་བཟོས་པར་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།བོད་རིགས་ཤིག་ཡིན་པའི་ངོས་ནས་སེམས་ནང་མྱོང་ཚོར་ཟབ་མོ་བྱུང་ལ་མྱོང་ཚོར་ཡང་བྱུང་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་།ས་གནས་ཁག་ཏུ་སྤྲུལ་སྐུ་རྫུས་མ་མི་ཉུང་བ་ཞིག་ཐོན་པ་མ་ཟད།ཐ་ན་སྤྲུལ་སྐུ་ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་གོ་གནས་ཉོས་ནས་མཚོ་རྒྱུད་ཁུལ་དུ་ཆོས་ལུགས་ཀྱི་མིང་ཐོག་ནས་རྒྱུ་ནོར་བསྡུ་ལེན་བྱེད་པའི་བྱེད་སྤྱོད་མང་པོ་ཡོད་པས་དད་ལྡན་མང་ཚོགས་མང་པོ་ཞིག་གི་མིག་དབང་འཕྲོག་པ་རེད།

“སྤྲུལ་སྐུ་རྫུན་མ་”ཡིས་སྤྱི་ཚོགས་སྟེང་ནས་གནས་ལུགས་ཆེན་པོ་རྟོགས་དོན་ཅི་ཡིན་ནམ། དད་ལྡན་མང་ཚོགས་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་གོ་བ་མི་ལོན་པ་ལས་གཞན། ཚང་མས་རང་ཉིད་ལ་མཐུན་སྒྲིལ་རྒྱག་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། རྒྱུན་དུ་གཞན་ཕན་ལ་ཁ་གཡར་ནས་སྙན་གྲགས་གཡོ་གཉེར་བྱས། སྤྱི་ཚོགས་དང་དྲ་རྒྱའི་ཐོག་གང་སར་གཡོ་སྒྱུ་མགོ་སྐོར་གཏོང་བ། དུས་རྒྱུན་དུ“གེགས་སེལ་དཀའ་སེལ་དང་།དགེ་འདུན་ལ་བསྙེན་བཀུར་བྱེད་པ།དགོན་སྡེ་སྐྲུན་པ”བཅས་རྒྱུ་མཚན་དུ་བྱས་ནས་དད་ལྡན་མང་ཚོགས་ཀྱི་ས་ནས་ཞལ་འདེབས་ཅུང་མང་བ་སློང་གི་ཡོད།དོན་དམ་དུ་ལྐོག་ཏུ་མ་དངུལ་བདག་གིར་བྱས་ཏེ་རང་དགར་མ་དངུལ་ཆུད་ཟོས་བཏང་ཐོག་གནས་གོང་ཆེ་བའི་རོལ་རྩེད་ཁང་དུ་བསྐྱོད་ནས་འཛད་སྤྱོད་དང་།སྤུས་རྟགས་ཀྱི་གྱོན་ཆས་ཉོ་བ།རླངས་འཁོར་མང་པོ་གཏོང་བ།སྐབས་ཤིག་རིང“སྤྲུལ་སྐུ”དང“ཁྲིམས་རྒྱ”གང་སར་ཁྱབ་ནས་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་པ་དང་།

འདིར་ང་ཚོ་དད་ལྡན་མང་ཚོགས་ཚོས་ཡིན་མིན་གསལ་འབྱེད་བྱེད་དགོས་པ་དང་།ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་ཡོད་དགོས་ཤིང་།དོན་དག་ཐུག་དུས་ཚུལ་མཐུན་གྱི་བསམ་གཞིགས་བྱེད་དགོས་པ་ལས།ཕྱོགས་རིས་དང་རྨོངས་ཚོད་ཀྱིས་དད་གུས་མི་བྱེད་པར་ཡིན་མིན་དབྱེ་འབྱེད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། གནོད་འཚེ་ཕོག་སྐབས་བཅའ་ཁྲིམས་ཀྱི་མཚོན་ཆ་འཁྱེར་ནས་རང་ཉིད་ཀྱི་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་མ་ཟད།འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས“སྤྲུལ་སྐུ་རྫུན་མ”ཁྲིམས་ལ་སྦྱོར་ཏེ་དེ་དག་གབ་ས་མེད་པ་བཟོས་ནས་ང་ཚོར་བདེན་པ་བདེན་འཚོལ།ཡིད་ཆེས་མི་བྱེད་པ་དང་མགོ་སྐོར་འོག་མི་ཚུད་པ་བྱས་ཏེ་སྤྲུལ་སྐུ་མིང་གཡར་ནས་མགོ་སྐོར་བསླུ་བྲིད་གཏོང་མཁན་དེ་དག་ལ་འཚོ་གནས་ཀྱི་ཁྲོམ་ར་སྤུ་ཙམ་ཡང་མེད་པ་བྱེད་དགོས།



【本文地址】


今日新闻


推荐新闻


CopyRight 2018-2019 办公设备维修网 版权所有 豫ICP备15022753号-3